འཕྲོད་བསྟེན་བློན་ཆེན་མཆོག་གིས་ COVIDSafe གཞི་གྲངས་ཉར་གསོག་གི་དུས་ཡུན་མཇུག་བསྡུ་བའི་ཐག་གཅོད་གནང་ཡོད། ད་ནས་ COVIDSafe ཉེར་སྤྱོད་ནི་འབྲེལ་གཏུག་རྩད་གཅོད་ཆེད་བེད་སྤྱོད་མེད། ཁྱེད་ཀྱི་སྒྲིག་ཆས་ནས་ COVIDSafe ཉེར་སྤྱོད་ཕྱིར་འདོན་གནང་རོགས།

COVIDSafe ཉེར་སྤྱོད་ཆེད་གསང་རྒྱའི་སྲིད་ཇུས།


ཨིན་སྐད་མིན་པའི་སྐད་ཡིག་གཞན་དག་གི་ནང་གསང་རྒྱའི་སྲིད་ཇུས་སྐོར་ཀློག
དེ་སྔའི་གསང་རྒྱའི་སྲིད་ཇུས་སྐོར་ཀློག

COVIDSafe གཞི་གྲངས་ཉར་གསོག་གི་དུས་ཡུན་མཇུག་བསྡུ་ཞེས་པའི་དོན་གང་ཡིན་ནམ།

COVID-19 ཡི་ཁྱབ་གདལ་སྔོན་འགོག་གམ་ཚོད་འཛིན་བྱེད་པར། ད་ནས་ COVIDSafe ཉེར་སྤྱོད་ལྡན་དགོས་མེད་པས། འཕྲོད་བསྟེན་བློན་ཆེན་མཆོག་གིས་ COVIDSafe གཞི་གྲངས་ཉར་གསོག་གི་དུས་ཡུན་མཇུག་བསྡུ་བའི་ཐག་གཅོད་གནང་ཡོད། འདིའི་དོན་ནི། Department of Health and Aged Care (ལས་ཁུངས།) ནི་གཞི་གྲངས་ཉར་གསོག་གི་འཛིན་སྐྱོང་བ་ཡིན་པའི་ཆ་ནས། ད་ནས་ COVIDSafe ཉེར་སྤྱོད་ནས་གཞི་གྲངས་གང་ཡང་ཕྱོགས་བསྡུ་མི་བྱེད་པའམ། COVIDSafe ཉེར་སྤྱོད་དེ་ཕབ་ལེན་བྱེད་རུང་མེད་པ་བཟོ་བ་ཡིན། གཞི་གྲངས་ཉར་གསོག་གི་འཛིན་སྐྱོང་བ་ངོས་ནས་ National COVIDSafe Data Store སྟེང་ཆ་འཕྲིན་གཞན་ཡར་འཇུག་བྱེད་མི་ཆོག

ལས་ཁུངས་འདི་ལ་གསང་རྒྱའི་ཁྲིམས་ཡིག་ ༡༩༨༨ (ཁྲིམས་ཡིག) (Privacy Act 1988 (the Act)) གི་དོན་ཚན་ 94P འོག་གི་གསང་རྒྱའི་འགན་འཁྲི་ཆ་ཚང་ལྡན་དགོས་པའི་འགན་འཁྲི་ཡོད།

ལས་ཁུངས་འདི་ཡིས་ད་ལྟའི་ཆར་ National COVIDSafe Data Store ནས་ COVIDSafe ཉེར་སྤྱོད་ཀྱི་གཞི་གྲངས་ཆ་ཚང་བསུབ་འདོར་བྱེད་པའི་ལས་ཀ་བྱེད་བཞིན་ཡོད། འདིའི་ནང་། National COVIDSafe Data Store ནང་འཛིན་པའི་ཐོ་འགོད་ཆ་འཕྲིན་དང་གསང་སྡོམ་ཟིན་པའི་སྤྱོད་པ་པོའི་ངོ་སྤྲོད་མིང་བྱང་། དེ་བཞིན་སྒྲིག་ཆས་བརྟག་ཞིབ་ཆ་འཕྲིན་དང་འབྲེལ་གཏུག་གཞི་གྲངས་དག་འཚུད་པ་ཡིན། COVIDSafe ཉེར་སྤྱོད་ཀྱི་གཞི་གྲངས་གང་ཡང་སོར་གནས་མི་བྱེད་པ་ཡིན།

COVIDSafe ཉེར་སྤྱོད་ནི་ད་ནས་ཕབ་ལེན་བྱེད་མི་ཐུབ་པ་དང་། ཁྱེད་ཀྱིས་སོ་སོའི་སྒྲིག་ཆས་ནས་ COVIDSafe ཉེར་སྤྱོད་བསུབ་འདོར་བྱེད་དགོས། འདི་ཡིས་ཁྱེད་ཀྱི་སྒྲིག་ཆས་ནས་ COVIDSafe ཉེར་སྤྱོད་ཀྱི་ཆ་འཕྲིན་ཆ་ཚང་བསུབ་འདོར་བྱེད་པ་ཡིན།

གལ་ཏེ་ཁྱེད་ལ་ COVIDSafe ཉེར་སྤྱོད་བསུབ་འདོར་བྱེད་ཚུལ་ཐད་རམ་འདེམས་སམ་ལམ་སྟོན་འཕར་མ་ལྡན་དགོས་ན། འདིར་ support@covidsafe.gov.au འབྲེལ་གཏུག་ཞུ།

ཁྲིམས་ཡིག་འོག COVIDSafe ལ་རམ་འདེགས་བྱེད་པའི་ཁྲིམས་བཟོ་དེ་འཕྲོད་བསྟེན་བློན་ཆེན་མཆོག་གིས་ COVIDSafe དུས་ཡུན་མཇུག་བསྡུ་བའི་གསལ་བསྒྲགས་བསྐྱངས་པའི་ཉིན་གྲངས་ 90 རྗེས་བརྩི་མེད་བཟོ་བ་ཡིན། དྲ་ཚིགས་ COVIDSafe.gov.au ནི་དགོས་མཁོ་འདིའི་སྙོམ་སྒྲིག་ལྷན་ནུས་མེད་བཟོ་བ་ཡིན།

ངའི་ཆ་འཕྲིན་དག་གི་ལྷན་གང་བྱེད་དམ།

ལས་ཁུངས་འདི་ཡིས་ད་ལྟའི་ཆར་ National COVIDSafe Data Store ནས་ཁྱེད་ཀྱི་གཞི་གྲངས་ཆ་ཚང་བསུབ་འདོར་བྱེད་པའི་ལས་ཀ་བྱེད་བཞིན་ཡོད། ཁྱེད་ཀྱིས་སོ་སོའི་གཞི་གྲངས་བསུབ་འདོར་བྱེད་པའི་རེ་སྐུལ་ཞུ་དགོས་མེད།

COVIDSafe ཉེར་སྤྱོད་ཀྱི་གཞི་གྲངས་ཆ་ཚང་གང་མགྱོགས་བསུབ་འདོར་བྱེད་རྒྱུ་ཡིན་པས། མི་སྒེར་གྱི་གཞི་གྲངས་བསུབ་འདོར་རེ་ཞུ་དེ་ད་ནས་མེད་པ་བཟོ་བའམ་ལག་བསྟར་མི་བྱེད་པ་ཡིན། གལ་ཏེ་ཁྱེད་ཀྱིས་སྔོན་འཚུད་ནས་སོ་སོའི་གཞི་གྲངས་བསུབ་འདོར་བྱེད་པའི་རེ་ཞུ་ཞིག་འབུལ་ལམ་ཞུས་ཟིན་ཡོད་ན། དེ་ནི་ COVIDSafe ཉེར་སྤྱོད་གཞི་གྲངས་ཆ་ཚང་བསུབ་འདོར་བྱེད་པའི་ལྷན་མེད་པ་བཟོ་བ་ཡིན།

COVIDSafe གཞི་གྲངས་ཉར་གསོག་གི་དུས་ཡུན་མཇུག་བསྡུ་བྱས་པའི་རྗེས། ཁྲིམས་ཡིག་འོག་ལས་ཁུངས་འདི་ཡིས་གང་མགྱོགས་ National COVIDSafe Data Store ནས་ COVIDSafe ཉེར་སྤྱོད་ཀྱི་གཞི་གྲངས་ཆ་ཚང་བསུབ་འདོར་བྱེད་དགོས་པའི་འགན་འཁྲི་ཡོད།

འདིའི་ནང་གཤམ་དག་འཚུད་པ་ཡིན།:

  • ཐོ་འགོད་གཞི་གྲངས།
  • ཁྱེད་ཀྱི་སྒྲིག་ཆས་སྟེང་ COVIDSafe ཉེར་སྤྱོད་སྒྲིག་འཇུག་བྱེད་སྐབས། སྒྲིག་ཆས་བརྟག་ཞིབ་ཆ་འཕྲིན།
  • ཁྱེད་ཀྱི་སྒྲིག་ཆས་སྟེང་སོ་སོའི་ COVIDSafe ཉེར་སྤྱོད་ཁ་ཕྱེ་ཡོད་པའམ་འཁོར་རྒྱུག་བྱེད་སྐབས། ཁྱེད་ཀྱི་གསང་སྡོམ་ཟིན་པའི་སྤྱོད་པ་པོའི་ངོ་སྤྲོད་མིང་བྱང་སྐོར་གྱི་ཆ་འཕྲིན།
  • ཁྱེད་ཀྱིས་སོ་སོའི་འབྲེལ་གཏུག་གཞི་གྲངས་ཡར་འཇུག་བྱེད་རྒྱུ་ནུས་ལྡན་བཟོ་བར། ཁྱེད་ཀྱིས་འཕྲོད་བསྟེན་ལས་བྱེད་ཞིག་ལ་ཁྱེད་སྟེང་འཕྲིན་ཐུང་གཏོང་ཆོག་པའི་མོས་མཐུན་བྱས་པ།
  • ཁྱེད་ཀྱི་སྒྲིག་ཆས་སྟེང་སོ་སོའི་འབྲེལ་གཏུག་གཞི་གྲངས།
  • COVIDSafe སྤྱོད་པ་པོ་གཞན་གྱི་འབྲེལ་གཏུག་གཞི་གྲངས། དེར་སྤྱོད་པ་པོ་དེ་ COVID-19 ཡི་བརྟག་དཔྱད་མཇུག་འབྲས་པོ་སི་ཊིཝ་ཐོན་པ་དང་། ཁོང་གི་སྒྲིག་ཆས་སྟེང་སོ་སོའི་འབྲེལ་གཏུག་གཞི་གྲངས་དག་ཡར་འཇུག་བྱེད་པའི་གདམ་ག་བྱེད་པ། དེའི་ནང་ཁྱེད་ལྷན་ཁོང་གི་འབྲེལ་གཏུག་ཞིབ་ཕྲ་དག་འཚུད་སྲིད་པ་ཡིན།

National COVIDSafe Data Store ནས་ COVID ཉེར་སྤྱོད་ཀྱི་གཞི་གྲངས་ཆ་ཚང་བསུབ་འདོར་བྱེད་ཟིན་སྐབས། ལམ་སྟོན་བྱེད་པར་དྲ་ཚིགས་ COVIDSafe.gov.au གསར་སྒྱུར་བྱེད་པ་ཡིན།

ངས་གང་བྱེད་དགོས་སམ།

ཁྱེད་ཀྱི་སྒྲིག་ཆས་ནས་གང་མགྱོགས་ COVIDSafe ཉེར་སྤྱོད་ཕྱིར་འདོན་བྱ། འདིས་ཁྱེད་ཀྱི་སྒྲིག་ཆས་སྟེང་ཉར་གསོག་བྱས་པའི་ཆ་འཕྲིན་ཆ་ཚང་རང་འགུལ་གྱི་བསུབ་འདོར་བྱེད་པ་ཡིན།

COVIDSafe ཉེར་སྤྱོད་བསུབ་འདོར་ཇི་ལྟར་བྱ་ཚུལ་གྱི་ཐབས་ལམ་དག་གི་ཆེད། COVIDSafe homepage སྟེང་འབྲེལ་སྦྱོར་གནང་རོགས།

ཁྱེད་ཀྱིས་ཐེངས་གཅིག་ COVIDSafe ཉེར་སྤྱོད་བསུབ་འདོར་བྱས་པའི་རྗེས། ཁྱེད་ཀྱིས་ལྷག་དོན་བྱ་སྤྱོད་གང་ཡང་བྱེད་དགོས་མེད། National COVIDSafe Data Store ནང་འཛིན་པའི་ COVIDSafe ཉེར་སྤྱོད་ཀྱི་གཞི་གྲངས་དག་ལས་ཁུངས་ཀྱིས་བསུབ་འདོར་བྱེད་པ་ཡིན།

ཁྱེད་ལ་རམ་འདེགས་འཕར་མ་གང་ཡང་ལྡན་དགོས་ཚེ། support@covidsafe.gov.au ལ་འབྲེལ་གཏུག་ཞུ།

ང་ཚོར་འབྲེལ་གཏུག་བྱ།

COVIDSafe གསང་རྒྱ་འདྲི་རྩད་དང་ཞུ་གཏུག

COVIDSafe གསང་རྒྱ། ཡང་ན། གསང་རྒྱའི་འདྲི་རྩད་དམ་ཞུ་གཏུག་ཞིག་རྒྱག་ཚུལ་སྐོར་མང་བ་ཤེས་པར། ང་ཚོར་འབྲེལ་གཏུག་བྱ།

གསང་རྒྱའི་ལས་བྱེད།: privacy@health.gov.au
ཁ་པར།: 02 6289 1555
རིན་མེད་ཁ་པར།: 1800 020 103

སྦྲག་ཐོག་ཁ་བྱང་།:

Department of Health
MDP 62
GPO Box 9848
Canberra ACT 2601

གསང་རྒྱའི་ལས་བྱེད་ཀྱིས་ གསང་རྒྱའི་ཁྲིམས་ཡིག ༡༩༨༨ (Privacy Act 1988) ཀྱི་མཁོ་སྤྲོད་གཞིར་བཟུང་གསང་རྒྱའི་སྐོར་སྒེར་གྱི་ཞུ་གཏུག་གང་ཡང་སྟངས་འཛིན་བྱེད་པ་ཡིན། དེའི་ནང་། རྩད་གཅོད་ཆེད་ཨོ་སི་ཊོ་ལི་ཡའི་ཆ་འཕྲིན་སྐུ་ཚབ་ལས་ཁུངས་ཀྱི་གསང་རྒྱའི་གདལ་བཤིག་སྟེང་འབྲེལ་སྦྱོར་བྱེད་དགོས་པའི་དགོས་མཁོ་འང་འཚུད་སྲིད་པ་ཡིན།

དེའི་ཚབ་ཏུ། ཁྱེད་ཀྱིས་གཤམ་དག་བྱེད་ཆོག:

Last updated:
08 August 2022